RFA is currently seeking a highly driven and competent candidate to lead the Dharamsala Bureau as Bureau Chief for RFA’s Tiibetan Service. The ideal candidate will have a proven ability to lead by example and deliver high-quality journalism to meet our ever-evolving audience needs. S/he will be responsible for leading and managing all aspects of the Dharamsala office, executing editorial strategy and spearheading content production across formats, and be in constant communication with RFA Tibetan Service Director, who is based in Washington D.C. to fulfill the mission of delivering unbiased, credible and timely Tibet-related news and information.
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གྱི་ལྟ་རྟོག་འོག་རྡ་རམ་ས་ལའི་ལས་ཁུངས་ཀྱི་འཛིན་སྐྱོང་ཡོངས་རྫོགས་དང་། བོད་སྐད་སྡེ་ཚན་ལ་དམིགས་ནས་ལས་དོན་རྣམས་ནུས་པ་ལྡན་པའི་ངང་འཁོད་སྙོམ་སྒྲུབ་ཐུབ་པ།
གསར་འགྱུར་གལ་ཆེན་དང་། གནད་དོན་གཞན་ཁག་གི་སྐོར་ཝ་ཤིན་ཊོན་གྱི་ལས་ཁུངས་ཨ་མར་འབྲེལ་མཐུད་དང་། དཀའ་ངལ་རིགས་ཐོན་སྐབས་སེལ་ཐབས་བྱེད་པ། མ་འོངས་པའི་ལས་ཀའི་སྐོར་ལ་འཆར་གཞི་འདིང་བ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་རྣམ་པ་དང་། སྡིངས་ཆ་འདྲ་མིན་གྱི་ལས་རིམ་ལ་བརྗོད་གཞི་མཁོ་སྒྲུབ་དང་། རྩོམ་སྒྲིག་གི་ལས་དོན་སྒྲུབ་ཐུབ་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་དང་ཐད་ཀར་མཉམ་ལས་ཀྱིས་རྡ་རམ་ས་ལའི་ལས་ཁུངས་ཀྱི་ལས་བྱེད་དང་། ས་གནས་གསར་འགོད་པར་ལྟ་རྟོག་བྱེད་པ། རླུང་འཕྲིན་དང་དྲ་རྒྱའི་བརྒྱུད་ལམ་ཁག་ཏུ་འགྲེམས་སྤེལ་བྱེད་རྒྱུའི་གསར་འགྱུར་སོགས་གནས་ཚུལ་ཚང་མར་གསར་འགོད་པའི་ལས་དོན་ཚད་གཞི་མཐོ་པོ་རྒྱུན་འཁྱོངས་བྱེད་པ།
ཝ་ཤིན་ཊོན་དུ་ཡོད་པའི་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་དང་། རྒྱ་གར་དུ་ཡོད་པའི་ས་གནས་གསར་འགོད་པར་འབྲེལ་མཐུད་གནང་ནས་ལས་དོན་ཚགས་ཚུད་ཡོང་ཆེད་ལམ་སྟོན་དང་བཅས་འབྲེལ་བ་རྒྱུན་སྐྱོང་བྱེད་པ།
རྡ་རམ་ས་ལའི་ལས་ཁུངས་གྱི་འཛིན་སྐྱོང་དང་། རྩོམ་སྒྲིག གསར་འགོད་ཀྱི་ལས་དོན་ཚང་མ་ཆེད་ལས་དང་། དུས་ཐོག་ཏུ་ལག་བསྟར་ཡོང་བའི་ཆེད་རྡ་རམ་ས་ལའི་ལས་ཁུངས་དོ་དམ་པ་དང་། རྩོམ་སྒྲིག་པ། གསར་འགོད་ལས་བྱེད་བཅས་ལ་ལམ་སྟོན་གནང་རྒྱུ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་བོད་སྐད་སྡེ་ཚན་གྱི་འགན་འཛིན་དང་། འགོ་ཁྲིད་རྣམ་པས་བཀོད་མངགས་གནང་བའི་ལས་འགན་གཞན་དག་སྒྲུབ་དགོས་པ།
གསར་འགོད་དམ། རྒྱལ་སྤྱིའི་འབྲེལ་བ། ཆབ་སྲིད། ཡང་ན་འབྲེལ་ཡོད་སློབ་ཚན་གང་རུང་ཐོག་གཙུག་ལག་རབ་འབྱམས་པའི་ཤེས་ཚད་ཡོད་པ།
གསར་འགོད་ཐོག་ཉུང་མཐར་ལོ་ངོ་ ༡༠ ཡི་ཉམས་མྱོང་ལྡན་པ་དང་། ཉུང་མཐར་ལོ་ངོ་ ༥ རིང་འཛིན་སྐྱོང་གི་ལས་ཀའི་ཉམས་མྱོང་ཡོད་པ་།
བོད་སྐད་དང་། བོད་ཡིག་གི་ཤེས་ཚད་མཐོ་པོ་ཡོད་པ་དང་། དབྱིན་སྐད་དང་ཧིན་དྷིའི་སྐད་ཡིག་ལ་བྱང་ཆ་ལྡན་པ། རྒྱ་སྐད་ཤེས་ན་དེ་བས་ལེགས།
རྣམ་དཔྱོད་ལྡན་པའི་ངང་རྩོམ་སྒྲིག་གནང་ཐུབ་པ་དང་། རྒྱ་བོད་ཀྱི་གནད་དོན། བོད་ནང་དང་བཙན་བྱོལ་སྤྱི་ཚོགས་ཀྱི་ཆབ་སྲིད་ཀྱི་གནས་སྟངས་སྐོར་ལ་གོ་རྟོགས་ཟབ་མོ་ཡོད་པ། གནས་ཚུལ་འབྱུང་ཁུངས་དང་འབྲེལ་ཡོད་རྣམས་དང་མཉམ་དུ་ཡིད་ཆེས་འཕེར་བའི་འབྲེལ་བ་བཟང་པོ་འཛུགས་ཐུབ་མཁན།
འཛིན་སྐྱོང་གི་ཉམས་མྱོང་ཟབ་མོ་ཡོད་པ། གནད་དོན་རྙོག་འཛིང་ཅན་དང་དཀའ་ངལ་ལ་གདོང་ལེན་ཀྱིས་ལས་རོགས་ཚོར་སྣེ་ཁྲིད་བྱེད་ཐུབ་པ། སྲིད་ཇུས་དང་འགྲོ་ལུགས་ཀྱི་འགྱུར་བའི་ཤུགས་རྐྱེན་ཤེས་རྟོགས་ཐུབ་པའི་ངང་ལམ་སྟོན་གནང་ཐུབ་པ།
ས་གནས་ཀྱི་བོད་མིའི་སྤྱི་ཚོགས་དང་འབྲེལ་བ་ཡག་པོ་འཛུགས་ཐུབ་པ། འབྲེལ་ཡོད་གཞུང་འབྲེལ་མི་སྣ་དང་། ཚོགས་སྐྱིད་ཁག་ལ་འབྲེལ་བ་བཟང་པོ་རྒྱུན་སྐྱོང་བྱེད་ཐུབ་མཁན།
Application Instruction: Please include a cover letter along with your application.
Application Deadline: 10/31/2024
ཞུ་སྙན་འབུལ་ཕྱོགས་ཀྱི་ལམ་སྟོན། ཁྱེད་ཀྱི་ལོ་རྒྱུས་སྙིང་བསྡུས་དང་མཉམ་ངོ་སྤྲོད་ཡི་གེ་ཞིག་ངེས་པར་དུ་མཉམ་སྦྱར་གནང་རོགས། ངོ་སྤྲོད་ཡི་གེའི་ནང་ཁྱེད་རང་གི་ཉམས་མྱོང་དང་ནུས་པ་གང་ཡོད་པ། དེ་བཞིན་ལས་གནས་འདིའི་ཐོག་དོ་དབྱིངས་ཡོད་པའི་རྒྱུ་མཚན་བཅས་འགྲེལ་བརྗོད་གནང་དགོས།
ཞུ་སྙན་འབུལ་པའི་དུས་བཀག ༢༠༢༤ ཟླ་ ༡༠ ཚེས་ ༣༡ ཡིན།།
Software Powered by iCIMS
www.icims.com